ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིར་མཇལ་ཁ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་འདུག་པ་དང་། ཉི་འོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གསུངས་དོན་ལ་ ཉི་འོང་གྲོས་ཚོགས་ནང་དེ་སྔོན་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་ནའང་། བར་ལམ་ཉམས་རྒུད་སོང་ཡོད་པ་དེ་སླར་གསོ་བྱས་ཏེ། གཞུང་འཛིན་ཚོགས་པ་གཙོས་སྲིད་དོན་ཚོགས་པ་ཚང་མ་ཡོད་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱལ་སྐྱོར་ཚོགས་པ་བཙུགས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་དང་བོད་དབར་འབྲེལ་བ་དེ་ལོ་རྒྱུས་ཡོད་པ་ཞིག་ཡིན་པ་དང་། ད་ལྟ་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཆེ་བའི་དུས་ཚོད་འདིར་ཉི་འོང་གི་ཆབ་སྲིད་མི་སྣ་ཚོས་བོད་དོན་རྒྱབ་སྐྱོར་གནང་དགོས་ཡིན་ཞེས་གསུངས་སོང་ཞེས་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG