ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ནས་རྒྱ་གར་ལ་གནས་བསྐོར་འགྲོ་མཁན་བོད་བཞི་བཅུ་སྐོར་ས་མཚམས་སུ་འཛིན་བཟུང་བྱས་པ།


A Solomon Islander of Chinese descent holds his passport
A Solomon Islander of Chinese descent holds his passport

བོད་ནས་རྒྱ་གར་ལ་གནས་བསྐོར་འགྲོ་མཁན་བོད་མི་བཞི་བཅུ་སྐོར་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་སུ་འཛིན་བཟུང་བྱས་འདུག་པ་རྣམས་ད་ལྟ་ཀཐ་མན་ཌུར་བཀག་ཉར་འོག་བཞག་འདུག་པ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་གསུངས་དོན་ལ་གཞིགས་ན་བོད་མི་དེ་དག་ལུགས་མཐུན་རྒྱ་ནག་གཞུང་གི་འགྲིམ་འགྲུན་ཡིག་ཆ་ཡོད་མཁན་ཤ་སྟགས་ཡིན་པ་དང་། བལ་ཡུལ་ནས་རྒྱ་གར་ལ་སྤྱི་སྤྱོད་རླང་འཁོར་གླས་ཏེ་རྒྱ་གར་ཕྱོགས་སུ་བསྐྱོད་སྐབས་བར་ཚོང་རྒྱག་མཁན་གྱི་མགོ་བསྐོར་འོག་ཚུད་པའི་བློ་དྭོགས་གནང་གི་ཡོད་པ་དང་། ད་ལྟ་བོད་མི་དེ་དག་ཁཐ་མན་ཌུར་བཀག་ཉར་ཡོད་པ་རྣམས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་བརྒྱུད་གློད་འགྲོལ་ཐོབ་རྒྱུར་འབད་བརྩོན་གནང་གི་ཡོད་ཅེས་གསུངས་འདུག་སུ་རྣམ་རྒྱལ་ཤཱསྟྲིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG