ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ལྔ་ལ་སྟོན་ཉེས་ཀྱི་དཀའ་ངལ་འཕྲད་པ།


རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ལྔ་ལ་ལོ་རྒྱུས་ནང་ཐེན་པའི་དཀའ་ངལ་བྱུང་ནས་རྒྱ་གར་གྱི་སྒོར་ས་ཡ་སུམ་ཅུ་ཙམ་གྱི་སྟོན་ཉེས་བྱུང་འདུག་པ་མ་ཟད། སོ་ནམ་ཞིང་ལས་ལ་ཚོ་རྟེན་བྱེད་མཁན་བོད་མི་ཉམ་ཐག་ཚོར་དཀའ་ངལ་ཅི་ཆེ་འཕྲད་བཞིན་འདུག་པ་དང་། རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་བརྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་ལྷོ་སྤྱི་ཀརྨ་དགྲ་འདུལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་གཞིས་ཆགས་ཀྱི་ལོ་རྒྱུས་ནང་ཐེམ་པ་ལ་བརྟེན་ནས་སྟོན་ཉེས་ཀྱི་དཀའ་ངལ་འཕྲད་པ་མང་པོ་བྱུང་ཡོད་ནའང་། འདི་ལོ་ནང་བཞིན་ལྷོ་ཕྱོགས་གཞིས་ཆགས་ལྔ་ཚང་མར་དུས་གཅིག་ལ་དཀའ་ངལ་འཕྲད་པ་དང་པོ་ཡིན་པ་དང་། ད་ལོའི་ཐེམ་པའི་དཀའ་ངལ་ནང་གཞིས་ཆགས་ལྔ་ཕྱོགས་བསྡོམས་རྒྱ་གར་གྱི་སྒོར་མི་ས་ཡ་སུམ་ཅུ་ཙམ་གྱི་གྱོང་གུན་བྱུང་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ་ ནང་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་དང་ས་གནས་སུ་ཁྱིམ་ཚང་སོ་སོས་གྱོང་གུན་གྱི་འགེངས་ཤོག་བསྐང་བའི་གནས་ཚུལ་བཅས་ལ་ཞིབ་འཇུག་གནང་ནས་ངལ་སེལ་སྒྲིག་གཞི་གཞིར་བཟུང་གུན་གསབ་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་ཀྱི་འདུག

XS
SM
MD
LG