ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགོ་ཁྲིད་ཚོས་ཌོ་ནལ་ཊམ་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རུང་པེ་ཅིང་དང་ཝ་ཤིང་ཊོན་གྱིས་འབྲེལ་བ་སྔར་བཞིན་རྒྱུན་སྐྱོང་ཐུབ་རྒྱུ་ཡིན་པ་དང་། རྒྱ་ནག་དང་ཨ་མི་རི་ཀ་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་ཁག་ཀྱང་སེལ་ཐུབ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་དཔལ་འབྱོར་སྲིད་ཇུས་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་སྲིད། ཡིན་ནའང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་སྤྱི་ཡོངས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་ཞིག་ཐེབས་མི་སྲིད་ཅེས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག ཨེ་ཤི་ཡའི་སྲིད་དོན་ཉམས་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀས་ཨེ་ཤི་ཡ་གཙིགས་སུ་འཛིན་པའི་དམག་དོན་སྲིད་ཇུས་ཤིག་བཟུང་བར་རྩ་བའི་ཆ་ནས་འགྱུར་བ་ཐེབས་མི་སྲིད། ཌོ་ནལ་ཊམ་གྱི་སྲིད་གཞུང་གསར་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་འགན་འཁྲི་ཡོད་པའང་འདོར་མི་སྲིད། ཡིན་ནའང་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་ལྟར་འགན་ཁུར་ཧུར་པོ་ལེན་རྒྱུ་ཤུགས་ཆུང་དུ་འགྲོ་སྲིད་ཅེས་བཤད་ཡོད་པ་རེད།།DT

XS
SM
MD
LG