ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གིས་ཌོ་ནོལ་ཌོ་ནོལ་ཁྲ་རམ་གྱི་ཁེར་ལོགས་རིང་ལ་སྐྱོན་བརྗོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་དུས་སུ་ཨ་མི་རི་ཀ་ཨང་དང་པོར་བརྩིས་ཏེ། ཨ་མི་རི་ཀའི་སྲིད་གཞུང་སྔོན་མ་ཁག་གིས་མིང་རྟགས་བཀོད་པའི་ཚོང་ལས་གྲོས་མཐུན་ཕན་མེད་ཁག་བརྩི་མེད་གཏོང་རྒྱུ་དང་། ངས་རང་ཕྱོགས་ཀྱི་ཁེ་ཕན་གཙིགས་སུ་འཛིན་པའི་ཕྱི་སྲིད་ཅིག་འཛིན་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད་ཅིང་། ད་ལྟ་རྒྱ་ནག་དང་ཡུ་རོབ་རྒྱལ་ཁབ་ཁག ཨ་མི་རི་ཀའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཌོ་ནལ་ཊམ་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ངར་སྐད་བསྒྲགས་པ་རྣམས་ལག་ལེན་ཅི་ཙམ་བསྟར་ཐུབ་རྒྱུ་ཡིན་མིན་དང་། ཁོང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛིན་ཕྱོགས་སུ་ནང་འགལ་ཅན་གྱི་གཏམ་བཤད་རིམ་པ་ཞིག་བྱས་ཡོད་པར་ཨ་མི་རི་ཀའི་མི་དམངས་དང་འཛམ་གླིང་མི་དམངས། རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ཁག་གིས་གོ་བ་ཇི་ལྟར་ལེན་དགོས་མིན་ཚོད་དཔག་མ་ཐུབ་པར་ལུས་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀའི་མི་མང་ལས་ཤོར་པའི་དཀའ་ངལ་གྱི་འབྱུང་རྩ་གཙོ་བོ་ཞིག་རྒྱ་ནག་ཡིན། རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་ཨ་མི་རི་ཀས་དཔྱ་ཁྲལ་བརྒྱ་ཆ་༤༥་སྤར་རྒྱུ་ཡིན། ངས་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་ཉིན་དང་པོ་དེར་རྒྱ་ནག་དངུལ་ལོར་གྱི་འཛའ་ཐང་ལོག་སྒྱུར་བྱེད་མཁན་ཡིན་པའི་ནག་ཉེས་འཛུགས་རྒྱུ་ཡིན་ཞེས་བཤད་མྱོང་ཡོད་པ་རེད། །

XS
SM
MD
LG