ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡེ་ཤུའི་གདན་ས་ཆེན་མོས་རྒྱ་ནག་ནང་གི་ཆོས་དཔོན་ངོས་འཛིན་ཐད་ཉེན་བརྡ།


གཟའ་ཟླ་བའི་ཉིན་མོ་ཡེ་ཤུའི་གདན་ས་ཆེན་མོས་དམིགས་གསལ་གྱི་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་ནང་གི་རྒྱ་གཞུང་གི་འགག་ཆ་ཡོད་པ་དང་ཡེ་ཤུའི་བླ་ཆེན་ལ་དད་གུས་ཅན་གྱི་ཆོས་སྡེ་ཁག་ཅིག་གིས་ཡེ་ཤུའི་གདན་ས་ཆེན་མོ་དང་བླ་ཆེན་མཆོག་གི་ཆོག་མཆན་མེད་པར་རང་ངོས་ནས་ཡེ་ཤུའི་ཆོས་སྡེའི་སྤྱི་ཁྱབ་བླ་ཆེན་ངོས་འཛིན་གྱིས་བསྐོ་བཞག་བྱེད་ཀྱི་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པས་དེ་ནི་ཆོས་ཁྲིམས་ལས་བརྒལ་བ་ཞིག་རེད་ཅེས་བཀོད་ཡོད་པ་དང་ དེ་ཡང་གསལ་བསྒྲགས་ཀྱི་ནང་ རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཡེ་ཤུའི་ཆོས་སྡེ་ཁག་ཅེས་བཀོད་ཡོད་པ་དེ་ནི་རྒྱུན་ལྡན་གྱི་གསུང་སྲོལ་ཞིག་མིན་པ་དང་རྒྱ་ནག་གི་དམ་དྲག་འོག་ཡོད་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་སྐྱོན་བརྗོད་གནང་བ་སོགས་ནི་གདན་ས་ཆེན་མོས་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པའི་གནས་ཚུལ་འཐོན་གྱི་ཡོད་པ་རེད།

XS
SM
MD
LG