ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ནངས་སྔ་དྲོ་ནས་ཨ་མི་རི་ཀའི་མངའ་སྡེ་ཁག་༥༠་ཐམ་པར་སྲིད་འཛིན་དང་གྲོས་ཚོགས་འོག་མའི་འཐུས་མི་ཆ་ཚང་། གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག་བཅས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། འདས་པའི་ལོ་ངོ་གཉིས་མ་ཟིན་ཙམ་ལ་སྤེལ་པའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་མཇུག་བསྒྲིལ་པ་དང་། དོ་དགོང་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་གོང་འོག་གི་འཐུས་མིར་མི་སུ་སུ་འོས་འདེམས་བྱུང་ཡོད་མེད་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་མེད་པ་སྟེ། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་བསྡུའི་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་མི་དེ་ཨ་མི་རི་ཀའི་སྲིད་འཛིན་༤༥་པ་དེར་འདེམས་འཐོན་ཐུབ་ཀྱི་ཡོད་པ་རེད།

XS
SM
MD
LG