ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་གློད་གྲོལ་བཏང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བླ་བྲང་འཇིགས་མེད་མགོ་རིལ་ལགས་རྒྱ་ནག་གི་བཙོན་འཇུག་འོག་ནས་གློད་བཀྲོལ་ཐོབ་སྟེ་ད་ལྟ་ཁྱིམ་དུ་སླེབས་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ནི་ཕྱི་ལོ་༢༠༡༡་ཟླ་བརྒྱད་པའི་ཚེས་༢༠་ཉིན་འཛིན་བཟུང་བྱས་པ་དང་། ༢༠༡༤་ལོའི་ཟླ་དགུ་བའི་ཚེས་༥་ཉིན་ལན་ཀྲིག་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་ལོ་ལྔ་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཞེས་འབོད་པའི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་ནི་དེ་སྔོན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དོ་དམ་ལྷན་ཁང་གི་འགན་འཛིན་གཞོན་པ་ཡིན་པ་དང་། ད་ལྟ་དགུང་ལོ་༥༠་ཟིན་ཡོད། བླ་བྲང་འཇིགས་མེད་ལགས་ནི་ད་རག་བར་རྒྱ་ནག་གཞུང་གིས་ཐེངས་བཞི་ལ་འཛིན་བཟུང་དང་བཀག་ཉར་བྱས་པ་རེད།

XS
SM
MD
LG