ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚོང་འཛོམ་གྲོས་ཚོགས་ཐེངས་༦་པ་ཚོགས་ཡོད་པ་དང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩་པའི་ཚོགས་ཆེན་འཚོགས་ཏེ། ད་ལྟའི་རྒྱ་ནག་གི་ཏང་སྲིད་དམག་གི་ཆེས་མཐོ་འགོ་ཁྲིད་ཚོར་རྗེས་འཛིན་པ་སུ་བསྐོ་བཞག་བྱ་དགོས་མིན་དང་། མ་འོངས་པའི་ལོ་ལྔའི་རིང་ལ་རྒྱ་ནག་ཁ་ཕྱོགས་གང་འདྲ་ཞིག་ལ་འཁྲིད་རྒྱུ་ཡིན་མིན་བཅས་ལ་གྲོས་མོལ་བྱེད་པའི་ཚོགས་འདུ་གནད་འགག་ཅན་ཞིག་ཡིན་རུང་། རྒྱ་ནག་གཞུང་གིས་ཚང་འཛོམ་གྲོས་ཚོགས་ཐེངས་དྲུག་པའི་གྲོས་གཞི་ངོ་མ་རྣམས་ཕྱི་ལ་ཁྱབ་བསྒྲགས་བྱེད་ཀྱི་མེད་ཅིང་། གལ་སྲིད་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ལོ་༦༨་ཐོག་ཏུ་བགྲེས་ཡོལ་ལ་འགྲོ་དགོས་པའི་གཞུང་འབྲེལ་མ་ཡིན་པའི་ལམ་སྲོལ་ཞིག་དར་ཡོད་པ་རྩ་འཛིན་བྱེད་ཀྱི་ཡོད་ཚེ། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་བདུན་གྱི་ནང་གི་མི་ལྔ་ལོ་༢༠༡༧་ལོར་བགྲེས་ཡོལ་ལ་དགོས་པ་དང་། ཉེ་དུས་ཤིག་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྣམས་གཞུང་འབྲེལ་གཏན་འབེབས་མ་ཡིན་པར་བགྲེས་ཡོལ་དུ་འགྲོ་དགོས་པའི་སྒྲིག་ཁྲིམས་ཤིག་ཡོད་པ་སྔར་བཞིན་སོར་གནས་ཡིན་མིན་ངེས་གཏན་མེད་པར་གྱུར་ཡོད་པ་རེད།།

XS
SM
MD
LG