ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དྲུག་ལ་འཕོ་འགྱུར།



སྐབས་༡༩པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་གོང་ལ་ ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དྲུག་ལ་འཕོ་འགྱུར་བྱས་ཡོད་པ་རེད་ དེ་ཡང་ཡུན་ནན་དང་ཧུའུ་ནན། བོད་རང་སྐྱོང་ལྗོངས། ཞིང་ཅང་། ནང་སོག ཨན་ཧུའུ་བཅས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ལ་འཕོ་འགྱུར་བཏང་ཡོད་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ད་ལྟའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཆོན་གོ་ཡི་ཚབ་ཏུ་ཝུའུ་དབྱིང་ཅེ་བསྐོ་གཞག་བྱས་པ་དང་ཤིང་ཅང་གི་ད་ལྟའི་དམར་ཤོག་ཚོགས་པའི་དྲུང་ཆེའི་ཚབ་ལ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཆོན་གོ་བསྐོ་བཞག་བྱས་པ་སོགས་འཕོ་འགྱུར་བཏང་ཡོད་པ་རེད།

དབྱེ་ཞིབ་པས་གསར་དུ་བསྐོ་གཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དེ་ནི་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པའི་རྗེས་སུ་བོད་ནང་སླེབས་པའི་རྒྱ་རིགས་མི་ཐོག་གཉིས་པའི་གྲས་ཡིན་པས་ཁོང་ཚོའི་དབང་ཆ་གཅིག་སྡུད་ཤུགས་ཆེ་རུ་གཏོང་བཞིན་པ་མཚོན་གྱི་ཡོད་རེད་ཅེས་གསུང་གི་ཡོད་པ་རེད།

XS
SM
MD
LG