ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཨ་རིའི་ཚོང་ལས་མི་སྣ་ཚོས་ལྕམ་ཧི་ལ་རི་ཀི་ལིན་ཌན་ལ་རྒྱབ་སྐྱོར་ཡོད་པ།


ཨ་རིའི་ནང་དཔལ་འབྱོར་རིག་པར་མཁས་པ་དང་ཚོང་ལས་མི་སྣ་ཚོས་བསམ་ཚུལ་བསྡུས་པའི་ནང་མང་ཆེ་བས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རི་ ཀི་ལིན་ཌིན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་དོན་ཐོག་ནུས་པ་ཆེ་བ་བྱེད་ཐུབ་ཀྱི་རེད་ཅེས་རྒྱབ་སྐྱོར་བྱས་འདུག་པ་དང་། བསམ་ཚུལ་བསྡུས་པ་དེའི་ནང་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལྜ་ ཀྲམ་ཨང་གཉིས་པར་ཡང་སླེབས་མེད་པ་རེད། ཨ་རིའི་རྒྱལ་ཡོངས་ཚོང་ལས་དཔལ་འབྱོར་ལྷན་ཚོགས་ཞེས་པས་ཕྱི་ཟླ་ ༡༡ ནང་བསམ་ཚུལ་བསྡུས་པའི་ནང་ཧ་ལམ་བརྒྱ་ཆ་ ༥༥ ལྕམ་ཧི་ལ་རི་ ཀི་ལིན་ཌོན་མ་འོངས་པའི་ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་ཡིན་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛིན་སྐྱོང་གི་ལས་དོན་ནུས་པ་ཆེ་བ་བྱེད་ཀྱི་ཅེས་རྒྱབ་སྐྱོར་བྱས་འདུག་པ་དང་། བརྒྱ་ཆ་ ༡༤ ཙམ་གྱིས་སྤྱི་མཐུན་ཚོགས་ཚོགས་པའི་འོས་མི་ཌོ་ནལྜ་ ཀྲམ་ལ་རྒྱབ་སྐྱོར་བྱས་འདུག འོན་ཀྱང་ལྕམ་ཧི་ལ་རི་ ཀིལིན་ཌན་ལ་ཨི་མེལ་ཏེ། ཆ་འཕྲིན་དང་འབྲེལ་བའི་ལབ་རྙོག་མུ་མཐུད་ཡོང་མུས་ཡིན་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གནང་སྐབས་ཀི་ལིན་ཌོན་ཐེབས་རྩ་ལ་དཔལ་འབྱོར་རྒྱབ་སྐྱོར་བྱེད་མཁན་མི་སྣ་ཁག་ཅིག་ཕྱི་སྲིད་ལས་ཁུངས་ནང་འབྲེལ་གཏུགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

XS
SM
MD
LG