ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷྲ་ཛིལ་ནང་ཨོ་ལེམ་པིག་རྩེད་འགྲན་མཇུག་བསྒྲིལ་ཟིན་ནས་ཀྲོག་ཡོར་རྩིས་སྤྲོད་བྱས་པ།


རེས་གཟའ་ཉི་མའི་ཉིན་ལྷོ་མ་ཨི་རི་ཀའི་རྒྱལ་ཁབ་བྷྲ་ཛིལ་གྱི་གྲོང་ཁྱེར་རིའོ་ཌི་ཇེ་ནོ་རིའི་ནང་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་ཆེ་མོ་དེ་རེ་ཞིག་མཇུག་བསྒྲིལ་ཟིན་ཏེ། ༢༠༢༠ ལོའི་རྩེད་འགྲན་གོ་སྒྲིག་གི་མགྲོན་བདག་ཉི་འོང་གི་རྒྱལ་ས་ཀྲོག་ཡོར་རྩིས་སྤྲོད་ཟིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། ཨོ་ལེམ་པིག་རྩེད་འགྲན་མཇུག་བསྡོམས་བྱེད་སྒོ་ནི་གཙོ་བོ་མགྲོན་བདག་རྒྱལ་ཁབ་ཀྱིས་ཉིན་བཅུ་དྲུག་གི་རྩེད་འགྲན་ཡོངས་སུ་ལེགས་པར་གྲུབ་པའི་དགའ་སྟོན་བྱེད་པ་དང་ཆབས་ཅིག རྩེད་འགྲན་རྗེས་མ་གྲ་སྒྲིག་འགོ་འཛུགས་ཀྱང་ཆགས་ཀྱི་ཡོད་པ་རེད། རིའོ་ཌི་ཇི་ནོ་རིའི་ནང་རྩེད་རིགས་སུན་ཅུ་སོ་བཞིའི་ནང་རྩེད་འགྲན་སྟོང་ཚོ་མང་པོ་མཉམ་ཞུགས་ཀྱིས་འགྲན་བསྡུར་བྱས་ཡོད་པ་དང་། གསེར་གྱི་རྟགས་མ་ ༣༠༦ ཡོད་པ་དང། མཁྱོན་བསྡོམས་རྟགས་མ་ ༩༡༨ ཡོད་པ་རྣམས་ལ་རྩེད་འགྲན་པ་ཚོས་ནུས་པ་གང་ཡོད་བཏོན་ནས་འགྲན་རྩོད་བྱེད་ཀྱི་ཡོད་པ་དང་། ད་ལོའི་རྩེད་འགྲན་ནང་ཨ་རི་ལ་གསེར་གྱི་རྟགས་མ་ ༤༦ དང་། དངུལ་གྱི་རྟགས་མ་ ༣༧ ཟངས་ཀྱི་རྟགས་མ་ ༣༨ བཅས་བསྡོམས་རྟགས་མ་ ༡༢༡ ཐོབ་ནས་རྩེ་རྟོག་ཏུ་སླེབས་འདུག་པ་དང་། དེ་རྗེས་དབྱིན་ཡུལ་རྟགས་མ་བསྡོམས་ ༦༧ ཐོབ་འདུག་པ་དང་། རྒྱ་ནག་གསུམ་པར་སླེབས་ཡོད་པ་རེད།

XS
SM
MD
LG