ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་གྱིས་ཁ་ཆེ་ཚོའི་བསམ་བློའི་ལྟ་བར་རྒྱུགས་ལེན་རྒྱུ་ཡིན་ཟེར།


༢༠༡༦་འདི་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འོག་མ། གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག་བཅས་འོས་འདེམས་བྱེད་པའི་དུས་ཚོད་ཅིག་ཡིན་པ་དང་། ཉེ་ཆར་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཁག་གི་རྒྱས་འཛོམས་ཚོགས་ཆེན་མཇུག་བསྒྲིལ་ཏེ། སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་གཏན་ཁེལ་བྱུང་བའི་རྗེས་སུ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་དངོས་སུ་འགོ་ཚུགས་ཡོད་ཅིང་། གཟའ་འཁོར་འདིར་སྲིད་འཛིན་འོས་མི་གཉིས་ཨ་མི་རི་ཀའི་མངའ་སྡེ་མ་འདྲ་བ་ཁག་ལ་དྲིལ་བསྒྲགས་ལས་འགུལ་སྤེལ་དུ་ཕེབས་བྱེད་ཀྱི་ཡོད་པ་དང་། ཁ་སང་ཕྱི་ཚེས་༡༥་ཉིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཨོ་ཧ་ཡེ་འོ་མངའ་སྡེའི་ས་གནས་ཤིག་ཏུ་མང་ཚོགས་ལ་གཏམ་བཤད་བྱས་ཏེ། ཁོང་གི་བརྗོད་གཞི་གཙོ་བོ་གྲང་དམག་འཁོན་འཛིང་དུས་སུ་མི་དམངས་སྐུལ་སློང་བྱེད་སྲོལ་ཡོད་པ་ལྟར་ཨ་མི་རི་ཀས་ཁ་ཆེ་ཐལ་སྐྱོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཕྱོགས་གླེང་སློང་ཆེན་པོ་བྱས་པ་དང་། དཔེར་ན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་བའམ། ཡང་ན་ཨ་མི་རི་ཀར་ལྟ་སྐོར་དུ་ཡོང་བའི་ཁ་ཆེ་ཚོར་བསམ་བློའི་འཁྱེར་སོ་ཅི་ཡིན་བརྟག་དཔྱད་བྱེད་པའི་རྒྱུགས་ལེན་རྒྱུ་ཡིན། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་གྱི་རྦ་རླབས་ཤིག་འཕྱུར་བཞིན་པ་སྲིད་འཛིན་ཨོ་བྷ་མ་དང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་མ་བྱས་པའི་མཇུག་འབྲས་རེད་ཅེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG