ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྷ་རན་སིའི་སྲིད་འཛིན་ནས་ཆོས་ལུགས་ཀྱི་དབུ་ཁྲིད་དང་མཇལ་འཕྲད་བཀའ་བསྡུར་གནང་བ།


ཕྷ་རན་སིའི་ནང་དུ་ཡེ་ཤུའི་ཆོས་ཁང་ཞིག་ལ་ཁ་ཆེའི་དྲག་སྤྱོད་པ་གཉིས་ཀྱིས་དྲག་རྒོལ་བྱས་ནས་ཆོས་དཔོན་ཞིག་སྐེ་བཅད་ནས་དམར་གསོད་བཏང་བའི་གནས་ཚུལ་བྱུང་བའི་རྗེས་སུ་སྲིད་འཛིན་ཧོ་ལན་ཌ་མཆོག་ནས་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་སྲིད་འཛིན་ཕོ་བྲང་དུ་གདན་འདྲེན་ཞུས་སྟེ་བདེ་འཇག་གི་གནད་དོན་ཐད་ལ་བཀའ་བསྡུར་གནང་བ་མ་ཟད་ ཨི་སི་ལ་མྷེག་ཁ་ཆེའི་ཐལ་བསྐྱོད་པའི་བྱ་སྤྱོད་དེས་ཆོས་ལུགས་འཁོན་འཛིན་གྱི་གནས་ཚུལ་མི་ཡོང་བ་དང་འཇིགས་བསྐུལ་བར་ཁ་གཏད་ཀྱི་གལ་ཆེའི་དུས་འདིར་ཚང་མ་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

XS
SM
MD
LG