ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལོ་བཞི་རེའི་མཚམས་སུ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་འོས་འདེམས་ཀྱི་ལོ་དེར་སྲིད་དོན་ཚོགས་པ་ཁག་གི་རྒྱས་འཛོམས་ཚོགས་ཆེན་འཚོགས་སྲོལ་ཡོད་པས། ༢༠༡༦་གི་སྲིད་འཛིན་འོས་འདེམས་ཆེད་དུ་སྤྱི་མཐུན་ཚོགས་པའི་རྒྱལ་འཛོམས་ཚོགས་ཆེན་ཕྱི་ཟླ་༧་པའི་ཚེས་༡༨་ནས་ཨོ་ཧ་ཡེ་འོ་མངའ་སྡེའི་ཁེ་ལིབ་ལན་ཌི་གྲོང་ཁྱེར་དུ་ཚོགས་འགོ་ཚུགས་འདུག བདུན་ཕྲག་འདིའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཌོ་ནལ་ཊམ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་དངོས་སུ་གཏན་འབེབས་བྱས་ཏེ། ཁོང་གིས་ཕྱི་ཟླ་༡༡་ཚེས་༨་ཉིན་གྱི་སྲིད་འཛིན་འོས་འདེམས་ལ་འགྲན་རྩོད་བྱ་དགོས་མོད། ཡིན་ནའང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཌོ་ནལ་ཊམ་ངོ་རྒོལ་བྱེད་པའམ། ཡང་ན་ཁོ་པ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་དངོས་སུ་འགྱུར་རྒྱུ་འགོག་ཐབས་ཀྱི་འབད་བརྩོན་མཐའ་མ་ཞིག་བྱེད་ཀྱི་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་པའི་སྐུ་ཚབ་ཁག་ཅིག་གིས་ང་ཚོས་མངའ་སྡེ་རེ་རེ་བཞིན་ཌོ་ནལ་ཊམ་ལ་མོས་མཐུན་ཡོད་མེད་འོས་ཤོག་འཕེན་དུ་འཇུག་རྒྱུ་ཡིན། སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་ཌོ་ནལ་ཊམ་ལ་མོས་མཐུན་མེད་པ་སྟོན་དགོས་ཡོད་ཟེར་གྱི་ཡོད་ཟེར་པ་དང་། སྐུ་ཚབ་ཁག་ཅིག་གིས་ང་ཚོའི་འདོད་པར་བརྩི་མེད་བཏང་ན་ང་ཚོ་ཚོགས་ཁང་ནས་ཕྱི་ལ་འཐོན་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རུང་། སྤྱི་མཐུན་ཚོགས་པའི་སྐུ་ཚབ་དེ་དག་གིས་ཌོ་ནལ་ཊམ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་དངོས་སུ་གཏན་འབེབས་འབྱུང་རྒྱུ་འགོག་མི་ཐུབ་པ་དང་། ཁོ་ཚོས་ཚོགས་ཆེན་གྱི་གོ་རིམ་དཀྲུགས་ནས་ཊོ་ནལ་ཊམ་ལ་མོས་མཐུན་མེད་པ་གསལ་སྟོན་བྱ་འཆར་ཡོད་པ་རེད།།

XS
SM
MD
LG