ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཨ་མི་རི་ཀའི་གྲོང་ཁྱེར་ཁག་མང་པོ་ཞིག་ལ་་དུས་ཡུན་གཟའ་འཁོར་གཉིས་ལྷག་གི་རིང་ཆོས་འབྲེལ་དང་ མང་ཚོགས་ལ་གསུང་བཤད་བསྩལ་རྒྱུ་སོགས་ མཛད་དོན་རྒྱ་ཆེ་ཞིག་བསྐྱང་རྒྱུའི་སླད་དུ་ ཐོག་མར་ ཕྱི་ཟླ་དྲུག་པའི་ཚེས་༡༢ རེས་གཟའ་ཉི་མའི་ཉིན་ ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་གཡས་གཡོན་དུ་ ཞལ་མདངས་ཧ་ཅང་རྒྱས་ཤིང་ ཐུགས་བརྩེའི་འཛུམ་མདངས་འཕྲོ་བཞིན་པར་ ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཞབས་སོར་བདེ་བར་འཁོད་སོང་ མགོན་པོ་མཆོག་གནམ་ཐང་ནས་ཕེབས་ཊོའི་ནང་ རྒྱལ་སའི་ནང་གི་གྲགས་ཆེ་བའི་ཞུགས་གནས་མགྲོན་ཁང་པག་ཧཱ་ཡེཏྲ་དུ་ཞབས་སོར་འཁོད་པའི་སྐབས་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཇལ་དར་ཕུལ་ཏེ་གུས་བསུའི་སྣེ་ལེན་ཞུས་གནང་བ་དང་ ས་གནས་དང་ ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་ཤིག་གིས་ ཕྱག་ཏུ་དཀར་གཙང་མཇལ་དར་བསྣམས་པ་དང་ རྒྱལ་སའི་མངའ་ཁུལ་གྱི་གཟའ་ཉི་མའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཕོ་མོ་བཞིས་ གྲོ་མ་འབྲས་བསིལ་འདེགས་འབུལ་ཞུས་ཤིང་ ས་གནས་ཀྱི་བྲོ་པ་ཁག་ཅིག་གིས་རྟེན་འབྲེལ་མཚོན་ཆེད་ བརྗིད་ཉམས་ཧ་ཅང་དོད་པའི་ གླུ་གཞས་རྒྱལ་གཞས་ཞེས་པ་འབུལ་བཞིན་པར་ ཕེབས་བསུ་གཟབ་རྒྱས་ཞུས་པར་ ཐུགས་དགྱེས་ཚོར་ཧ་ཅང་ཆེན་པོ་གནང་སོང་།

XS
SM
MD
LG