ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ནས་བོད་མེ་སྤྲེལ་ལོའི་ལོ་གསར་གྱི་ཆོས་འབྲེལ་བཀའ་སློབ་ཐོག་མ་འདི་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་ཚེས་༢༡དང་བོད་ཀྱི་ལོ་གསར་ཚེས་༡༤ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊ་ལ་ཆིབས་བསྒྱུར་ཞབས་སོད་འཁོད་པའི་ཐོག་དམིགས་བསལ་ས་གནས་བོད་མི་ཚུད་པའི་ཕྱི་ནང་མི་དམངས་གསུམ་སྟོང་ཙམ་ལ་བཀའ་སློབ་དང་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་གནང་ཡོད།

ཐོག་མར་༧གོང་ས་མཆོག་ནས་ད་ཐེངས་ཨ་རིའི་ནང་སྒང་པའི་སྨན་བཅོས་གནང་ནས་སྐུ་ལྷོད་ལྷོད་ངང་སྐུ་ངལ་ཡག་པོ་གསོལ་གནང་ཡོད་པའི་བཀའ་སློབ་དང་། དེ་བཞིན་ལོ་རབས་ལྔ་བཅུའི་ནང་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ཅིག་བྱུང་ཡོད་ན་ཡང་གཞིས་ལུས་བོད་མི་ཚུད་པའི་བོད་པ་ཚང་མས་འབད་བརྩོན་གནང་བ་དེར་བསྔགས་བརྗོད་གནང་བ་ཡོད་ཅིང་།

ད་རེས་མཇལ་ཁ་བཀའ་སློབ་ཞུ་བར་བཅར་མཁན་མང་ཆེ་བ་བོད་མི་ཡིན་པར་བརྟེན་བོད་པ་རྒན་པ་ཚོས་གཞོན་སྐྱེས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོ་དང་། དམིགས་བསལ་བོད་སྐད་ཡིག་གི་སློབ་གསོ་སྤྲོད་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་བཀའ་སློབ་གནང་ཡོད། གསུང་དབྱིན་སྐད་ཐོག་ད་ཐེངས་བཀའ་སློབ་ཞུ་བར་བཅར་མཁན་ཕྱི་རྒྱལ་མི་སྣ་ཚོར་མགོན་པོ་གང་ཉིད་ཀྱི་ ཐུགས་འགན་གསུམ་པོ་ངོ་སྤྲོད་གནང་བའི་རྗེས་མུ་མཐུད་བོད་སྐད་ཐོག་ཐུགས་བརྩེ་བ་ཆེན་པོས་ངོ་སྤྲོན་གནང་དོན་དུ།

ཡ་རབས་སྤྱོད་བཟང་བྱ་རྒྱུ་འདི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་བོད་བསྟན་སྲིད་ཀྱི་དོན་ནམ་ཡང་བརྗེད་གནང་རྒྱུ་མིན་པས། ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཏེ་དམངས་གཙོ་སྲ་བརྟན་ཞིག་ཡོང་ཆེད་༢༠༡༡ལོ་ནས་བགྲེས་ཡོལ་ཆ་ཚང་གནང་བ་དང་།

འོན་ཀྱང་བོད་ཀྱི་ཁོར་ཡུག་དང་རིག་གཞུང་རྒྱུད་འཛིན་ཐད་མུ་མཐུད་འབད་པ་གནང་རྒྱུའི་བཀའ་སློབ་གནང་ཡོད། དེ་ནས་ད་ཐེངས་ཀྱི་བློ་སྦྱོང་ཚིག་བརྒྱད་མ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དབུ་བཙུགས་གནང་ཡོད་ལ། མཛད་འཆར་མཇུག་སྒྲིལ་གནང་བའི་མཚམས་འདིར་ད་རེས་སྨན་བཅོས་སྐབས་སྐུ་ལྷོད་ལྷོད་ངང་སྐུ་ངལ་ཡག་པོ་གསོལ་གནང་བ་དང་། སྙུང་གསོལ་འཚམས་འདྲི་དང་སྨོན་ལམ་འདེབས་མཁན་ཡོངས་ལ་ཐུགས་རྗེ་ཆེའི་བཀའ་གནང་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG