ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་།

བོད་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་སྲིད་ཇུས།


བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་རྒྱ་ནག་གཞུང་གིས་སྲིད་ཇུས་ག་འདྲ་ཞིག་འཛིན་བཞིན་པ་དང་། རྒྱལ་སྤྱིའི་སྟེང་དྲིལ་སྒྲོག་ག་འདྲ་ཞིག་བྱེད་བཞིན་པ། ས་གནས་བོད་མི་རྣམས་ལ་དོན་དམ་གྱི་ཁེ་ཕན་ག་འདྲ་ཞིག་ཡོང་བཞིན་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་དང་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ཡོད།

XS
SM
MD
LG