ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ས་འདུ་ཚང་ཚེ་བརྟན་རྡོ་རྗེ།


ས་འདུ་ཚང་ཚེ་བརྟན་རྡོ་རྗེ།
please wait

No media source currently available

0:00 0:18:20 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་རིང་ང་ཚོས་༧སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སྐུ་མགྲོན་དུ་གདན་འདྲེན་ཞུས་ཡོད། ཁོང་ཐོག་མར་རྒྱ་གར་རྡོར་རྗེ་གླིང་དུ་འབྲིང་རིམ་དང་དེ་ནས་རྒྱ་གར་གྱི་གྲོང་ཁྱེར་ཅེ་ནྱི་དང་ཨ་རི་སོགས་ཀྱི་ནང་མཐོ་རིམ་སློབ་གྲྭ་རིམ་བརྒྱུད་ཀྱིས་ཆེས་མཐོའི་སྨན་པའི་སློབ་གཉེར་དང་ཁྱད་པར་གློ་ནད་ལ་ཆེད་མཁས་ཀྱི་བསླབ་པ་མཐར་སོན་གནང་ཡོད། སྨན་པའི་སློབ་སྦྱོང་གྲུབ་འཕྲལ་བཞུགས་སྒར་བདེ་ལེགས་སྨན་ཁང་གི་སྨན་པ་དང་འགན་འཛིན་གནང་ཡོད་པ་དང་། དེང་༧སྐུའི་བླ་སྨན་དང་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་འགན་འཁུར་བཞེས་མུས་ཡིན་པ་དང་། ཁོང་གིས་མང་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་དེབ་མང་པོ་འབྲི་རྩོམ་གནང་ཡོད་པ་མ་ཟད། གཟེངས་རྟགས་ཀྱང་མང་པོ་ཐོབ་ཡོད་པ་རེད།

XS
SM
MD
LG