ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བསྟན་འཛིན་གསལ་སྒྲོན།


བསྟན་འཛིན་གསལ་སྒྲོན།
please wait

No media source currently available

0:00 0:15:01 0:00

བསྟན་འཛིན་གསལ་སྒྲོན་ལགས་ནི་རྒྱལ་སྤྱིའི་ནང་སློབ་ཡོན་སྙན་གྲགས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རོཊ་དང་ཊུར་མིན་གཉིས་ཐོབ་མྱོང་མཁན་བོད་པའི་བུད་མེད་ཞིག་ ཡིན་ཞིང། ཁོང་ཆུང་དུས་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་མི་རི་ཀར་གནས་སྤོ་གནང་ ཡོད་པ་དང། རིམ་བཞིན་ཁོང་ཨ་རིའི་སྙན་གྲགས་ཆེ་བའི་ས་ཊན་ཕོཊ་དང་ཨིན་རྗིའི་ ཨོས་ ཕོཏ་གཉིས་སུ་མཐོ་རིམ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། ཁོང་ གིས་སློབ་སྦྱོང་བྱེད་ཤོར་ལ་སློབ་གྲྭའི་ནང་དང་སློབ་གྲྭའི་ཕྱི་གཉིས་ཀར་སྒྲིག་ འཛུགས་དང་ཚོགས་པ་འདྲ་མིན་མང་པོར་འགོ་ཁྲིད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ ནང་ལ་ཡང་དང་བླངས་དུས་ཡུན་རིང་པོ་གནང་ཡོད་པ་རེད། ཁོང་གིས་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོན་དོན་ལ། བོད་ ཕྲུག་ཚོས་འཛིན་གྲྭའི་ནང་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་དུས་ མཚུངས་སློབ་ཕྲུག་སོ་སོའི་འདོད་བློ་ཡོད་པའི་ལས་རིགས་འདྲ་མིན་ལ་གང་བྱུང་ལ་དོ་ སྣང་བྱ་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པ་རེད།

XS
SM
MD
LG