ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ནམ་རྒྱལ་ལྷ་མོ།


ནམ་རྒྱལ་ལྷ་མོ།
please wait

No media source currently available

0:00 0:15:34 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྐད་གདངས་ལ་བརྟེན་ནས་བོད་ཅེས་ཕྱི་རྒྱལ་གྱི་མི་རྣམས་ལ་འགྲེལ་བརྗོད་བྱེད་མཁན་ཁྲོད་དུ་བོད་ཀྱི་གླུ་མ་ནམ་རྒྱལ་ལྷ་མོ་ལགས་ཀྱང་ཚུད་ཡོད་ཅིང་། ནམ་རྒྱལ་ལྷ་མོ་ལགས་ནི་ལོ་ན་བཅུ་ཙམ་སོན་པ་ནས་བོད་ཀྱི་ནང་མ་སྟོད་གཞས་དང་ དམངས་ཁྲོད་གླུ་གཞས་ལ་སོགས་པའི་སྲོལ་རྒྱུན་གླུ་གཞས་སྒྱུ་རྩལ་དང་འབྲེལ་བ་ཆགས་ཡོད་པ་རེད། བོད་གཞུང་ཟློས་གར་དུ་ལོ་ངོ་༡༤ རིང་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་སྦྱངས་པ་བྱས་པའི་རྗེས་ཕྱི་རྒྱལ་དུ་ལོ་ངོ་༣༠ལྷག་འཚོ་བ་སྐྱེལ་ཁྲོད་དུ་མུ་མཐུད་དེ་ བོད་ཀྱི་གླུ་གཞས་སྒྱུ་རྩལ་རྒྱུན་འཛིན་བྱས་ཡོད་པ་དང་། ནང་མ་སྟོད་གཞས་ དང་རྣམ་ཐར། འབྲོག་གླུ། དམངས་ཁྲོད་རྡུང་ལེན། མ་ཎི་རྟ་དབྱངས་སོགས་ ཚུད་པའི་འོད་སྡེར་སྣ་མང་འགྲེམས་སྤེལ་བྱེད་མྱོང་ཡོད་ཡང་བོད་ཀྱི་གླུ་མ་ཞིག་གི་མི་ཚེ་བརྗོད་གཞི་བྱེད་པའི་གློག་བརྙན་ཞིག་ཀྱང་འཁྲབ་སྟོན་བྱེད་ཡོད་པ་རེད། ནམ་རྒྱལ་ལྷ་མོ་ལགས་ཀྱིས། “སྒྱུ་རྩལ་ནི་མིའི་བླ་སྲོག་འགུག་བྱེད་ཀྱི་སྐད་ཡིག་ནུས་པ་ཅན་ཞིག་རེད་བརྗོད་ཡོད། ” www.namgyallhamo.com

XS
SM
MD
LG