ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་དམ་བཅའ།


རྒྱུད་ལམ་གྱི་སྐྱོན།

Oops, as you can see, this is not what we wanted to show you! This URL has been sent to our support web team to the can look into it immediately. Our apologies.

Please use Search above to see if you can find it elsewhere

ཐེངས་འདིའི་ལས་རིམ་ལ་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་བོད་པ་ནང་ཁུལ་ལ་འཁྲུག་རྩོད་མཚམས་འཇོག་དང་རྐུ་བཅོམ་སོགས་མི་བྱེད་པ་མ་ཟད། ད་ནས་བོད་པ་ཚོ་མཐུན་སྒྲིག་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུའི་དམ་བཅའ་བཞག་སྟེ་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་པའི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ལ་ཎིའུ་ཡོཀ་གྲོང་ཁྱེར་ནས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཧོར་གཙང་འཇིགས་མེད་ལགས་དང་། རྒྱ་གར་དྷ་རམ་ས་ལ་ནས་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་གི་སྤྱི་ཁྱབ་དྲུང་ཆེ་དགའ་བ་ཐུབ་བསྟན་ལེགས་བཤད་ལགས་དང་། རྒྱ་གར་ལྷོ་ཕྱོགས་ནས་བོད་ཀྱི་བང་ཆེན་ཚགས་པར་གྱི་གསར་འགོད་པ་བསོད་ནམས་ཚེ་རིང་ལགས་བཅས་མཉམ་ཞུགས་བྱེད་ཀྱི་ཡོད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG