ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཚན་རིག་པ་དང་ནང་པའི་མཁས་པའི་བགྲོ་གླེང་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལོ་རབས་བརྒྱད་ཅུ་པའི་འགོ་སྟོད་ཙམ་ནས་ཚན་རིག་པ་དང་ནང་པའི་མཁས་པའི་དབར་བགྲོ་གླེང་གི་ལས་རིམ་ཞིག་འགོ་འཛུགས་གནང་རྗེས་སེམས་དང་སྲོག་བསྟི་གནས་ཁང་གིས་གོ་སྒྲིག་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་གཞི་དངོས་པོའི་གནས་ལུགས་ལ་ཚན་རིག་པ་ཚོའི་དཔྱད་པའི་གྲུབ་ཐོན་དང་དཔལ་ལནྜའི་གཞུང་ནས་གསུངས་པའི་རིགས་པའི་ལམ་དང་ལྟ་གྲུབ་ཐོག་ནས་ཡུལ་ལ་དཔྱད་པ་བྱས་པའི་གཞི་མའི་ལྟ་ཕྱོགས་སོགས་ལ་བརྗེ་ལེན་གྱི་ཚོགས་འདུ་རིམ་པར་འཚོགས་ཡོད་པ་མ་ཟད། བར་ལམ་ནས་བཙན་བྱོལ་བོད་མིའི་བཤད་གྲ་ཚོའི་ནང་སྲོལ་རྒྱུན་གཞུང་ཆེན་ལ་སློབ་གཉེར་གནང་བ་དང་ཆབས་ཅིག ཚན་རིག་ལ་དོ་སྣང་གོང་འཕེལ་ཡོང་ཐབས་ཀྱི་ལས་རིམ་ཞིག་ལག་བསྟར་གནང་ཡོད་པ་རེད། ད་ལམ་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་ནུབ་ཕྱོགས་པའི་ཚན་རིག་པ་དང་། ནང་པའི་མཁས་པ་ཚོའི་དབར་བགྲོ་གླེང་ཚོགས་འདུ་གནང་ཡོད་པ་དེའི་ནང་རིས་མེད་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མཁས་པ་དང་སློབ་གཉེར་བ་བརྒྱ་ཕྲག་མང་པོ་མཉམ་ཞུགས་གནང་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་སེམས་དང་སྲོག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་དང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་གཉིས་གདན་འདྲེན་ཞུས་ནས་ཚན་རིག་པ་དང་ནང་པའི་མཁས་པའི་བགྲོ་གླེང་ཚོགས་འདུའིི་འཕེལ་རིམ་དང་། ལྷག་པར་ད་ལམ་གྱི་བགྲོ་གླེང་ཚོགས་འདུ་དེས་གདན་ས་དང་དང་བཤད་གྲ་སོགས་ཀྱི་ནང་ཚན་རིག་སློབ་གཉེར་གྱི་ལས་རིམ་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཇི་ཡོང་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG